ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེནགྱི་གཞི་གྲངས་ལས་མངོན་པ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་10ཉིན་བར་ཨ་རིར་ནད་དུག་གསར་པ་ཕོག་པའི་རྐྱེན་གྱིས་ཤི་བའི་མི་གྲངས་ཁྲི་29ལས་བརྒལ་ཡོད་པ་རེད། དེའི་ནང་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་དང་། ཧྥོ་ལུའོ་ལི་ཏ་ཀྲོའུ། ཤིན་ཙེ་ཤིས་ཀྲོའུ་བཅས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་17000ཡན་ཟིན་ཡོད། ཟླ་12ཚེས་9ཉིན་བར། ཨ་རིར་ནད་དུག་གསར་པ་འགོས་པའི་རྐྱེན་གྱིས་སྨན་ཁང་དུ་བསྡད་པའི་མི་གྲངས་106671ཟིན་པ་དང་གྲངས་གཞི་དེས་རིམས་ནད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད།
རིམས་ནད་ཀྱི་གྲངས་གཞི་མགྱོགས་མྱུར་འཕར་བའི་རྐྱེན་གྱིས་ཨ་རིའི་ཀྲོའུ་ཁག་གིས་ནད་དུག་གསར་པ་འགོག་པའི་འགོག་སྲུང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད། མ་ལི་ལན་ཀྲོའུ་པའར་ཏི་མོ་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལན་ཏུན་·སི་ཁོ་ཐེ་(BrandonScott)ཡིས་བཀའ་ཕབ་ནས་གནས་སྐབས་སུ་གྲོང་ཁྱེར་ནང་གི་ཟ་ཁང་དང་ཁང་པའི་ནང་གི་རོལ་རྩེད་ཁང་གི་སྒོ་རྒྱག་དགོས་པའི་བཀའ་ཕབ། དེའི་ནང་པའོ་ལིན་སྤོ་ལོ་ཁང་དང་། ཆུ་རྐྱལ་རྫིང་བུ། ཨར་ཁང་སོགས་ཚུད་ཡོད། པ་ཨར་མོ་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་བསྟན་དོན། གསར་དུ་འཕར་བའི་ནད་དཔེ་གློ་བུར་དུ་འཕར་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དཀོན་པ། དེ་མིན་གཞི་ཁྱོན་ཆེ་བའི་འདུས་ཚོགས་རང་བཞིན་གྱི་རེད་པ་སོགས་ཀྱི་ཉེན་ཁ་ལ་གཞིགས་ནས། སྲིད་གཞུང་གིས་མི་རྣམས་ཐག་ཉེ་སར་འབྲེལ་འདྲིས་བྱེད་དགོས་པའི་བྱ་འགུལ་ཡོད་ཚད་བཀག་འགོག་མི་བྱེད་ཐབས་མེད་རེད།
གཞན་ཡང་སྨི་ཞི་ཞི་པི་ཀྲོའུ་ཡི་ཀྲོའུ་ཀྲང་ཐའེ་ཐེ·ལི་ཕུའུ་སིས(TateReeves)ཡིས་ཀྱང་ཉེ་ཆར་སྲིད་འཛིན་བཀའ་རྒྱ་གསར་པ་ཞིག་ལ་མིང་རྟགས་བཀོད་པ་རེད། བཀའ་འདིས་ཁུལ་དེའི་ཁང་བ་དང་ཕྱི་རོལ་གྱི་མི་ཚོགས་འདུ་འཛོམས་ཀྱི་བྱ་འགུལ་ལ་ཚོད་འཛིན་ནན་མོ་བྱས། ས་ཁུལ་མང་པོར་བཙན་ཤེད་ཀྱིས་ཁ་རས་འདོགས་དགོས་པའི་བླང་བྱ་བཏོན་ཡོད། དབྱིན་ཏི་ཨན་ན་ཁུལ་གྱི་ཁུལ་དཔོན་ཨའེ་ལི་ཁེ་·ཧོར་སི་མུའུ་(EricHolcomb)ཡིས་ཀྱང་སྨན་ཁང་ཆེ་གྲས་ཁག་ལ་ཛ་དྲག་ཆེ་བའི་གཤགས་བཅོས་ཕུད་པའི་ཉིན་རེའི་གྲོས་རིམ་ཕྱིར་འགྱངས་བྱ་རྒྱུའི་བཀའ་ཕབ་པ་རེད། སྨན་ཁང་གི་ཕྱོགས་ལ་བར་སྟོང་དང་ཐོན་ཁུངས་འདང་ངེས་ཤིག་ཡོད་པར་ཁག་ཐེག་བྱེད་དགོས། ཨ་ལ་པ་མ་ཀྲོའུ་ཡི་ཁུལ་དཔོན་ཁའེ་·ཨའེ་ཝེ་(KayIvey)ཡིས་ཀྱང་། ཁོང་གིས་ཀྲོའུ་དེའི་དམངས་ཚོགས་ཀྱི་ཁྱིམ་སྡོད་ལོགས་སུ་བཀར་བའི་དུས་ཚོད་རིང་དུ་བཏང་བ་མ་ཟད། བཙན་ཤེད་ངང“ཁ་རས་བཀའ་རྒྱ”ཡང་གཟའ་འཁོར་དྲུག་རིང་དུ་བཏང་ཡོད།