ན་ནིང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གྱོད་དཔེ་ཁག་དང་པོ་20ཁྱབ་བསྒྲགས་བྱས་རྗེས། ཀྲུང་དབྱང་གྲོང་གསེབ་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུས་ཉིན་ཤས་གོང་ཁག་གཉིས་པའི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་བྱས་ཤིང་། པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཀྱི“ཁྲོམ་གཞུང་དང་ཤང་དུ་སོ་ལྟ་བྱེད་པ་དང་། སྡེ་ཚན་དུ་འབྱོར་ཐོ་འགོད་པ”དང་། ཐེན་ཅིན་གྲོང་ཁྱེར་པེ་ཁྲེན་ཆུས་ཀྱི་གྲོང་གསེབ་བཅོས་སྐྱོང་གི“གོམ་སྟབས་ལྔའི་འགན་འཁྲི”ཧོ་པེ་ཞིང་ཆེན་ཧོ་ཝུའུ་གྲོང་ཁྱེར་གྱི“ཕྱོགས་བཞི་གཞི་གཅིག”གི་མཉམ་འགུལ་ལས་ཀའི་བཅའ་ཁྲིམས་སོགས་ཁྱོན་རིགས་དྲུག་གི་གྱོད་དཔེ་34མིང་གྲལ་ནང་ཚུད་ཡོད་པ་རེད།
“དཔེ་མཚོན་གྱོད་དཔེ་ཕྱོགས་བསྡོམས་དང་ཁྱབ་གདལ་དུ་གཏོང་བ། འདི་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི‘གྲོང་གསེབ་བཅོས་སྐྱོང་གི་གསར་གཏོད་རང་བཞིན་ཁྱབ་གདལ་གཏོང་བའི་དཔེ་མཚོན་གྱོད་དཔེ་ཉམས་མྱོང’སྐོར་གྱི་ཞིབ་ཕྲའི་བྱ་ཐབས་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ་དཔེ་མཚོན་གྱི་སྣེ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་ཀྱང་རེད། ཅེས་ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་སི་ཀྲང་ཀྲང་ཐེན་ཙུའོ་ཡིས་ངོ་སྤྲོད་བྱས་པ་རེད། གྱོད་དཔེ་འདི་དག་གི་རིམ་པ་ཕུན་སུམ་ཚོགས། རྣམ་པ་སྣ་ཚོགས། ཁྱད་ཆོས་མངོན་གསལ་ལྡན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་དོན་གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱེད་པ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་པོ་སྣ་མང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཕྱོགས་དྲུག་ནས་ཕྱོགས་བསྡུས་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་ཁག་ཅིག་ཆགས་ཡོད།
གྲོང་གསེབ་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ།
གྲོང་གསེབ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན།
དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་དང་བླངས་ཞབས་ཞུ་སོགས་མི་བཟང་དོན་བཟང་དང་དེ་བཞིན་གྲོང་ཚོ་རིམ་པའི་ལས་དོན་ནང་ཞུགས་མཁན་150ལྷག་ཙམ་ལ་ཡིད་རྟོན་སྐར་མ་བསྣན་པ། གྲོང་སྲོལ་དམངས་ཆིངས་ལ་བརྩི་སྲུང་མི་བྱེད་པ་དཔེར་ན། གད་སྙིགས་གང་བྱུང་དུ་དབྱུག་པ། རྒན་རྒོན་ལ་བསྙེན་བཀུར་མི་བྱེད་པ་སོགས་ཤེས་དཔལ་མེད་པ་དང་ཀུན་སྤྱོད་དང་མི་མཐུན་པའི་བྱེད་སྤྱོད་60ལྷག་ཙམ་ལ་སྐར་མ་བཅག་པ་སོགས་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་གྱིས་ཡིད་རྟོན་དམ་འཛིན་བྱ་གཞིར་བྱས་པའི་ཆ་བསགས་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པར་མིག་སྔར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ལོ་གཉིས་རིང་། གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་བརྒྱ་ཆ་22.8ཉུང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་ཡ་རབས་ཚུལ་ལྡན་མིན་པའི་བྱ་སྤྱོད་བརྒྱ་ཆ་10ནས་བརྒྱ་ཆ་1བར་ཆག་ཡོད། གྲོང་གསེབ་ཀྱི་དང་བླངས་པའི་ཞབས་ཞུའི་དཔུང་ཁག་ལོ་གཉིས་གོང་ནས་མི་5000ཡང་མ་ཟིན་པ་ནས་ད་ལྟའི་མི་ཁྲི་15.7ཟིན་ཡོད།
ཉིང་པོ་གྲོང་ཁྱེར་གྱི་པེན་ཀྲོའུ་ཁུལ་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་ཁག་དང་པོའི་འཛུགས་སྐྲུན་ཚོད་ལྟ་གོ་སྐབས་སུ་བཟུང་། གཞི་རིམ་གྱི་དབང་ཆ་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལྟ་སྐུལ་དོ་དམ་དེ་ས་ཁོངས་བཅོས་སྐྱོང་དེང་རབས་ཅན་གྱི་མ་ལག་འཛུགས་སྐྱོང་ཁྲོད་བཅུག་ནས་གཞི་རིམ་གྱི་སྤྱི་པའི་དབང་ཆའི“གསལ་ཐོ་གསུམ”གྱི་འཁོར་སྐྱོད་བཅའ་ཁྲིམས་ཁྱབ་གདལ་གཏོང་དགོས།
ཉིན་པོ་གྲོང་ཁྱེར་གྱིས་ཁུལ་ཨུད་ཀྱི་ཧྲུའུ་ཅི་དབྱིན་དབྱིན་གྱིས་བཤད། “ཉིན་པོ་གྲོང་ཁྱེར་གྱི་ཡན་ཀྲོའུ་ཆུས་སུ། གཞི་རིམ་གྱི་སྤྱི་དོན་དབང་ཆའི་རིག་འདོམས་ལས་སྟེགས་བཙུགས་ཚེ་མང་ཚོགས་ཀྱིས་གྲོང་དོན་ཚང་མ་ཇི་ལྟར་གཉེར་དགོས་མིན་གསལ་པོ་ཤེས་ཐུབ། མང་ཆེ་བ་གྲོང་ཚོའི་རྣམ་གྲངས་ལས་གྲྭ་དང་། ཐུན་མོང་གི་རྒྱུ་ནོར་ཐག་གཅོད། ཆུང་དུས་ཐེམ་ཐོ་སྤོ་བ། སྐྱེས་ཐོན་དཔང་ཡིག་སོགས་ཡོད།
ཀྲང་ཐེན་ཙུའོ་ཡིས་སྒྲིག་གཞི་བསྒྱུར་བཅོས་བྱས་པ་ནས་བཟུང་། ཀྲུང་དབྱང་གྲོང་གསེབ་གཞུང་ལས་ཁང་དང་། ཞིང་ལས་གྲོང་གསེབ་པུའུ་ཡིས་འགན་ནུས་ཀྱི་ངེས་གནས་ལ་རྐང་འཛུགས་པ་དང་། གྲོང་གསེབ་བཅོས་སྐྱོང་གི་ལས་ཀ་གཅིག་གྱུར་འཆར་འགོད་དང་། སྡེ་ཁག་མཉམ་སྒྲུབ། ལམ་སྲོལ་གསར་གཏོད། ཚོད་ལྟའི་དཔེ་སྟོན་བཅས་ལེགས་པར་བྱ་དགོས། ཤུགས་ཆེན་པོས་ཞང་སྡེའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།