ཕུའུ་ཅིང་གིས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དོན་ཨུ་ལྷན་གྱི་ཁོངས་མིའི་གྲུབ་ཆར་ཆོག་མཆན་སྤྲད་པ།
ཚད་ལེན་ཚོད་ལྟ་   ཀྲུང་གོ་གསར་འགྱུར་དྲ་བ་   2020-12-22
7274

ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ།ཚེས་21ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐབས་གསར་པའི་རྒྱལ་དོན་ཨུ་ལྷན་གྱི་ཁོངས་མིའི་གྲུབ་རྒྱུར་ཆོག་མཆན་གནང་བ་རེད། 
 
ཨུ་རུ་སུའི་བཅའ་ཁྲིམས་ཆ་འཕྲིན་དྲ་བའི་ཐོག་ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི་ཙུང་ཐུང་གི་བཀའ་རྒྱར་གཞིགས་ན། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཕུའུ་ཅིང་གིས་འགན་ཁུར་བ་དང་ཁོངས་མིའི་ནང་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་།རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན(གྲོས་ཚོགས་ཀྱི་གྲོས་ཁང་གོང་མ)གྱི་ཀྲུའུ་ཞི་མ་ཐེ་ཝུའེ་ཡན་ཁེ།རྒྱལ་ཁབ་ཏུའུ་མའི(གྲོས་ཚོགས་ཀྱི་གྲོས་ཁང་འོག་མ)ཀྲུའུ་ཞི་ཝོ་ལུའོ་ཅིན།རྒྱལ་ཕྲན་མཉམ་འབྲེལ་དུ་བཅའ་སྡོད་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པ།གྲོས་ཚོགས་ཀྱི་ཏང་ཚོགས་ཀྱི་འགོ་ཁྲིད་དང་དེ་བཞིན་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་གཟུགས་སྲིད་འཛིན་དཔོན་སོགས་ཁྱོན་མི་104ཡོད་པ་རེད། 
 
གནས་ཚུལ་སྤེལ་བར་གཞིགས་ན།ཕུའུ་ཅིང་གིས་འདི་ཟླའི་ཚེས་8ཉིན《ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས》ལ་མིང་རྟགས་བཀོད་པ་རེད། བཅའ་ཁྲིམས་དེར་གཞིགས་ན།ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ལྷན་གྱི་ལས་དོན་ནང་སྲིད་གཞུང་གི་མཐུན་སྦྱོར་འཁོར་སྐྱོད་འགན་ལེན་དང་།སྔོན་རྩིས་གཏན་འཁེལ་ནང་ཞུགས་པ།མི་དོན་བཀོད་སྒྲིག་ནང་ཞུགས་པ།རྒྱལ་ཁབ་ནང་སྲིད་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་དང་དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་བསལ་ཁ་ཕྱོགས་གཏན་འཁེལ་བྱེད་པ་སོགས་ཚུད་ཡོད་པ་རེད། 
 
ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དོན་ཨུ་ཡོན་ལྷན་ཁང་2000ལོར་བཙུགས་པ་དང་། འདི་ལོའི་ཟླ་དང་པོར་ཕུའུ་ཅིང་གིས་གྲོས་ཚོགས་ཁང་གཉིས་པར་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་སྤེལ་སྐབས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྒྱལ་དོན་ཨུ་ལྷན་གྱི་གནས་བབ་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་བཏོན་པ་རེད། 
 
“འབྱུང་ཁུངས་ནི་ཞིན་ཧྭ་དྲ་བ་ཡིན།” 
 
གསལ་བསྒྲགས།རྩོམ་འདི་བརྒྱུད་འགོད་བྱེད་པ་ནི་ཆ་འཕྲིན་མང་པོ་བརྒྱུད་སྤྲོད་བྱེད་པའི་དམིགས་ཡུལ་ཡིན། གལ་ཏེ་འབྱུང་ཁུངས་ཀྱི་གསལ་བཤད་ནོར་བའམ་ཡང་ན་ཁྱེད་རང་གི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་ཚེ་རྩོམ་པ་པོས་བདག་དབང་གི་དཔང་ཡིག་བཟུང་ནས་རང་གི་དྲ་བ་དང་འབྲེལ་བ་བྱེད་རོགས།ང་ཚོས་དུས་ཐོག་ཏུ་དག་བཅོས་དང་སུབ་པ་ཡིན།ཐུགས་རྗེ་ཆེ། ཡིག་སྒམ་གྱི་གནས་ཡུལ།newmediad xcb.c n 

Copyright © 西藏藏医院版权所有

门诊咨询电话:0891-6176996 医疗咨询电话:0891-6322351 纪委投诉电话:0891-6679556 医院办公室电话:0891-6323428

举报箱:藏医院行政楼 1楼公示栏旁边、藏医院综合楼 1楼左侧自助挂号机旁边、藏医院制剂中心办公楼对面