རྩོམ་པ་པོ།ཅང་ཏན།
ཟླ་12ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལས་དོན་བཀོད་སྒྲིག་བྱས་པ་རེད། 《བསམ་འཆར》ནང་ལྟ་སྐུལ་དོ་དམ་གྱི་གཙོ་གནད་ཁ་གསལ་བཟོ་བ་དང་།ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ།ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་གསར་གཏོད་བྱེད་པ།འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་བྱེད་པ་བཅས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ཁག་15ཚུད་ཡོད་པ་རེད།
ལྟ་སྐུལ་དོ་དམ་གྱི་གཙོ་གནད་ཐད་ཡིག་ཆའི་ནང་རྒན་གསོའི་ཞབས་ཞུའི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་བྱེད་པ་དང་སུས་གཙོ་གཉེར་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་པའི”རྩ་དོན་ལྟར་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཡུན་རིང་བདེ་འཇགས་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱས་ནས་རང་གི་སྒྲིག་གཞིས་ཨར་སྐྲུན་དང་།མེ་ཟོན།བཟའ་བཅའ།སྨན་བཅོས་འཕྲོད་བསྟེན་སོགས་ཐད་ཀྱི་བདེ་འཇགས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་རང་འགུལ་ངང་དོགས་ཟོན་དང་མེད་པ་བཟོ་དགོས། ལས་གཉེར་མི་སྣའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གཉེར་མི་སྣའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་རྒན་རྒོན་ལ་བརྙས་བཅོས་བྱེད་པ་དང་རྒན་རྒོན་ལ་མནར་གཅོད་གཏོང་བ་སོགས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་གཅོད་དགོས།
《བསམ་འཆར》ནང་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཁྲིམས་མཐུན་དང་ལུགས་མཐུན་གྱི་བྱེད་ཐབས་ཐོག་ནས་རྒན་གསོའི་ཞབས་ཞུ་དང་འབྲེལ་བ་ཡོད་པའི་མ་དངུལ་གྲབས་གསོག་དང་བེད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་རེ་ཞུ་དང་བཀོལ་སྤྱོད་བྱེད་པའི་སྲིད་གཞུང་གིས་མཁོ་འདོན་བྱས་པའི་འཛུགས་སྐྲུན་གཉེར་སྐྱོང་གི་ཁ་གསབ་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་།དུས་བཀག་ལྟར་རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཁ་གསབ་མ་དངུལ་སྤྱོད་པའི་ཆ་འཕྲིན་བདེན་པ་ཡིན་པ་དང་གནད་འཁེལ་རང་བཞིན་ལ་ཟུར་བཤེར་དང་ཞིབ་དཔྱད་བྱས་ཏེ།རྫུན་ཞུ་གཡོ་ལེན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁ་གསབ་མ་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་དང་འབྲེལ་བ་ཡོད་པའི་རྒན་གསོའི་ཞབས་ཞུའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་གྱི་དོན་དངོས་རང་བཞིན་དང་།ཁྲིམས་མཐུན་རང་བཞིན།ཕན་འབྲས་རང་བཞིན་བཅས་ཀྱི་རྗེས་འདེད་རྩིས་བཤེར་འདྲི་རྩད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།མི་བདེན་རྫུན་སྒྲིག་དང་ཧམ་བཟུང་གཞན་སྤྱོད་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས། རྒན་གསོའི་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་འགན་སྲུང་བྱེད་དགོས། རྒན་གསོའི་ཞབས་ཞུའི་ལས་ཁུངས་ཀྱིས་ཞབས་ཞུའི་གྲོན་དངུལ་སྔོན་བསྡུ་བྱེད་པ་ཚད་ལྡན་དུ་གཏོང་བའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དངུལ་རྩའི་སྒྲིག་གཞིས་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒན་གསོའི་ཞབས་ཞུ་ལ་ཁ་གཡར་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་ཉེན་ཁ་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྲིད་ཇུས་དྲིལ་བསྒྲགས་དང་ཉེན་ཁའི་དྲན་སྐུལ་ཡག་པོ་བྱེད་པ།རྒན་གསོའི་ཞབས་ཞུ་ལས་ཁུངས་ཀྱིས་རྒན་གསོའི་ཞབས་ཞུ་ལ་ཁ་གཡར་ནས་ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་བྱེད་པའི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》ནང་ད་དུང་གཉེར་སྐྱོང་སྒྲིག་ལམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ནང་ཁུལ་གྱི་དོ་དམ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཉེན་ཁ་ལས་ལུགས་མཐུན་གཡོལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དགོས། གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་ཤུགས་ཆེ་རུ་གཏོང་དགོས། རྒན་གསོའི་ཞབས་ཞུའི་སྒྲིག་གཞིས་ཉེན་ཁ་སྔོན་འགོག་གི་འདུ་ཤེས་དང་ཁ་གཏད་གཅོག་ཐབས་དང་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་གློ་བུར་དུ་ཐོན་པའི་དོན་རྐྱེན་ལས་བྱུང་བའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།
ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད《བསམ་འཆར》ནང་སྲིད་གཞུང་གི་གཙོ་ཁྲིད་འགན་འཁྲི་ཆེ་རུ་གཏོང་བ་དང་སྒྲིག་གཞིའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་འབྲེལ་ལས་རིགས་ཀྱི་རང་གཅུན་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་ཐད《བསམ་འཆར》ནང་ད་དུང“དྲ་སྦྲེལ་+ལྟ་སྐུལ་དོ་དམ”ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་གྲངས་གཞི་ཆེ་མོ་སོགས་ལག་རྩལ་གསར་པའི་བྱེད་ཐབས་གང་ལེགས་སྤྱད་དེ་ལྟ་སྐུལ་དོ་དམ་ཚད་ལྡན་ཅན་དང་།གནད་སྨིན་ཅན།རིག་ནུས་ཅན་བཅས་མངོན་འགྱུར་ཡོང་བ་བྱས་ནས་མིའི་རྒྱུ་རྐྱེན་ཉུང་དུ་བཏང་སྟེ་དྲང་གཞག་ལྟ་སྐུལ་དོ་དམ་ཐུབ་པ་བྱས་ནས་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་ཟིང་ཟིང་ལོང་ཉུང་དུ་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྲིད་དོན་གཞི་གྲངས་ཐོན་ཁུངས་དང་སྤྱི་ཚོགས་ཀྱི་གཞི་གྲངས་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱད་དེ།གཞི་གྲངས་གཅིག་གྱུར་དང་སྒོ་འབྱེད་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས།
གཞན་ཡང་འགན་ལེན་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པའི་ཐད《བསམ་འཆར》ནང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་བ།དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཉེ་ཆར་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་དབུ་བཞུགས་ཉེན་ཁའི་དཔོན་དང་གསར་འགྱུར་མགྲིན་ཚབ་པ་གཅིག་ལྕོགས་ཡིན་པའི་ཤའོ་ཡོན་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱེད་སྒོའི་ཐོག མི་སྒེར་གྱི་རྒན་གསོའི་དངུལ་རྩ་དེ་ཚོང་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་ལྟར་འཁོར་སྐྱོད་བྱ་དགོས་མོད།འོན་ཀྱང་དེ་ནི་སྤྱི་པའི་ཐོན་རྫས་ཤིག་ཡིན་པས།ཚོང་ལས་དང་སྤྱི་ཚོགས་ཕྱོགས་གཉིས་ཀྱི་ཁྱད་ཆོས་ལ་ལྟ་རྟོག་བྱས་ཏེ།གྲོན་དངུལ་འཇལ་སྟངས་དང་།ལེན་པའི་ཆ་རྐྱེན།མ་དངུལ་དོ་དམ།ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ཐད་ལ་ལུགས་མཐུན་གྱི་དཔྱད་དཔོག་དང་ཇུས་འགོད་བྱ་དགོས། རྨང་གཞི་དེའི་ཐོག་ཚོང་ལས་རྒྱུན་མཐུད་ཐུབ་པའི་རྩ་དོན་གཞིར་བཟུང་དམིགས་བསལ་གྱི་རྒན་གསོའི་དངུལ་རྩའི་ཐོན་རྫས་གསར་སྤེལ་དང་ཁྱབ་གདལ་གཏོང་བ་དང་དུས་མཚུངས་ད་ལྟའི་ཁྲོམ་རའི་ཐོག་གི་དངུལ་རྩའི་ཐོན་རྫས་སྣ་ཚོགས་ཚད་ལྡན་དུ་བཏང་ནས་རྒན་གསོའི་གཡོ་ཐབས་སྤྱོད་བཞིན་ཡོད་པ་དང་རྒན་གསོའི་ནུས་པ་མི་ལྡན་པའི་དངུལ་རྩའི་ཐོན་རྫས་ཡོ་བསྲང་མཐར་ཕྱིན་པ་བྱས་ནས་དངུལ་ཞན་གྱིས་དངུལ་བཟང་ཕྱིར་འབུད་བྱ་རྒྱུ་བཀག་འགོག་བྱེད་དགོས་ཞེས་གསུངས་པ་རེད།