ཚེས་22ཉིན་སློབ་གསོ་པུས་2016ལོ་ནས་2019ལོ་བར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མས་སྦྱངས་འབྲས་ཐོན་ནས་རྒྱལ་ནང་དུ་ལོག་མཁན་བཅུ་ཆ་བརྒྱད་ཟིན་ཡོད།སློབ་གསོ་པུས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2016ལོ་ནས་2019ལོ་བར་རང་རྒྱལ་དུ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཁྲི་251.8ཟིན་པ་དང་།རྒྱལ་ནང་དུ་ལོག་མཁན་ཁྲི་201.3ཟིན་པ།སྦྱངས་འབྲས་ཐོན་རྗེས་རྒྱལ་ནང་དུ་ལོག་མཁན་བཅུ་ཆ་བརྒྱད་ཟིན་པ(79.9%ཟིན་པ)ཟིན་ཡོད་ཅེས་བཤད་པ་རེད། དེ་དང་ཆབས་ཅིག་ང་ཚོས་ཕྱི་རྒྱལ་གྱི་ཆུ་ཚད་མཐོ་བའི་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱས་པ་བརྒྱུད་རྒྱལ་ནང་གི་མཐོ་རིམ་སློབ་གསོའི་ཐོན་ཁུངས་ཀྱི་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཞིང་།མིག་སྔར་རྒྱལ་ནང་གི་དངོས་གཞིའི་ཚན་ཁག་ཡན་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་བྱེད་མཁན་སློབ་མ་ཁྲི་30ལས་བརྒལ་ནས་རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་གི་སློབ་ཆེན་རྩེ་གྲའི་མཉམ་ལས་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད། (བསྟན་འཛིན་བཟང་མོས་བསྒྱུར།བདེ་སྐྱིད་དང་བསྟན་འཛིན་བཟང་མོས་