西藏自治区藏医院专病门诊专家简介及出诊时间
༄༅། །ལྗོངས་སྨན་རྩིས་ཁང་ཆེད་ནད་སྒོ་བསྟེན་གྱི་མཁས་དབང་ངོ་སྤྲོད་དང་བརྟག་བཅོས་དུས་ཚོད།
过敏性紫癜专病门诊
སྨུག་པོ་པགས་གྲམས་ཆེད་ནད་སྒོ་བསྟེན།
白玛措姆
白玛措姆、女、副主任医师,2021年荣获“全国五一劳动奖章”;世界中医药联合会藏医药专业委员会委员;西藏妇女专家联合会会员;二十多年的临床实践工作中,始终坚持发扬传统藏医药特色,采用藏西医结合的方法,推陈出新治疗方式和新药物,在治疗紫癜性肾炎、过敏性紫癜等疑难杂症具有丰富的经验和独到疗效。先后承担了“藏药治疗过敏性紫癜疗效观察”等多项省级科研项目。
པདྨ་མཚོ་མོ། འབུམ་གཞོན་སྨན་པ། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་བཟང་མི་སྣ། འཛམ་གླིང་ཀྲུང་ལུགས་གསོ་རིག་མཉམ་འབྲེལ་ལྷན་ཚོགས་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་བུད་མེད་མཁས་དབང་མཉམ་འབྲེལ་ཚོགས་པའི་ཚོགས་མི། ལོ་ངོ་ཉི་ཤུ་ལྷག་གི་ནད་ཐོག་ལག་ལེན་ཁྲོད་བོད་ལུགས་གསོ་རིག་གི་ཐུན་མིན་སྨན་བཅོས་ལག་རྩལ་རྒྱུན་འཛིན་གསར་གཏོད་དང་། བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་སྒོ་ནས་གསོ་ཐབས་གསར་འཚོལ་དང་སྨན་སྦྱོར་གསར་སྤེལ་བྱས་པ་བརྒྱུད་སྨུག་པོ་མཁལ་བྱེར་ནད་དང་། སྨུག་པོ་པགས་གྲམས་ནད་ཀྱི་ནད་ཐོག་གསོ་བཅོས་ལག་ལེན་ཕུན་སུམ་ཚོགས་ཤིང་དམིགས་བསལ་ཕན་བསྐྱེད་ཆེ་བས། རྒྱ་ཆེའི་ནད་པ་རྣམས་ཀྱི་གདེངས་འཇོག་བཟང་པོ་ཐོབ་བཞིན་ཡོད། སྔ་ཕྱིར་བོད་ལུགས་གསོ་རིག་གིས་སྨུག་པོ་པགས་གྲམས་ནད་ལ་ཐོན་པའི་གསོ་བཅོས་ཕན་འབྲས་དབྱེ་ཞིབ་ལ་སོགས་པའི་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་མི་ཉུང་བ་ཞིག་གི་འགན་འཁུར་མྱོང་།
白玛措姆(副主任医师)阿朵(主治医师)
པདྨ་མཚོ་མོ། འབུམ་གཞོན་སྨན་པ། ཨ་ཏོག རབ་འབྱམས་སྨན་པ།
每周星期一至星期五
རེས་གཟའ་ཟླ་བ་ནས་པ་སངས་བར།
西藏自治区藏医院住院部门诊二楼北11号诊室
ལྗོངས་སྨན་རྩིས་ཁང་ནད་སྡོད་པུའུ་སྒོ་བསྟེན་ཐོག་བརྩེགས་གཉིས་པའི་བརྟག་བཅོས་ཁང་༡༡
肛肠专病门诊
གཞང་རྒྱུའི་ཆེད་ནད་སྒོ་བསྟེན།
尼玛次仁
尼玛次仁、男、主任医师、1993年毕业于西藏藏医学院。第三批名老藏医学术继承人;藏医药大学硕士研究生导师;全国中医(藏医)肛肠知名专家;全国肛肠百强名医勋章获得者;全国肛肠百强科技工作者;中华医药药学会肛肠分会第六届理事会副会长;中医药研究促进会肛肠分会副会长;中华医药学会肛肠分会第七届常务理事;中国西南西北肛肠学会副会长;民族医药肛肠分会一届,二届副会长;中国西部肛肠健康传播大使;世界便秘学会专家;全国健康巡讲专家。擅长用藏西医结合方式治疗肛肠、皮肤等常见病以及疑难杂症。
ཉི་མ་ཚེ་རིང་། འབུམ་རམས་སྨན་པ། ༡༩༩༣ལོར་བོད་ལུགས་གསོ་རིག་སློབ་ཆེན་ནས་མཐར་ཕྱིན། སྐབས་གསུམ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཁས་དབང་གི་རིག་གཞུང་རྒྱུན་འཛིན་པ། བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་གཞང་རྒྱུའི་ནད་རིགས་ཀྱི་མཁས་དབང་། རྒྱལ་ཡོངས་གཞང་རྒྱུའི་ནད་རིགས་ཀྱི་ཆེད་མཁས་པ་དང་ཚན་རྩལ་ལས་དོན་པ། ཀྲུང་ཧྭ་གསོ་རིག་སྨན་རྫས་སློབ་ཚོགས་ལས་གཞང་རྒྱུའི་ཡན་ལག་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཀྱི་གོ་མིང་མཆིས། བོད་ཕྱི་ཟུང་འབྲེལ་གྱི་སྒོ་ནས་བཤང་ལམ་ནད་དང་། པགས་ནད། རྒྱུན་མཐོང་དཀོན་པའི་ནད་རིགས་ཁག་ཅིག་ལ་དམིགས་བསལ་སྨན་བཅོས་ཐུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད།
尼玛次仁(主任医师)夏吾扎西(主治医师)
ཉི་མ་ཚེ་རིང་། འབུམ་རམས་སྨན་པ། ཤ་བོ་བཀྲ་ཤིས། རབ་འབྱམས་སྨན་པ།
每周星期一至星期五
རེས་གཟའ་ཟླ་བ་ནས་པ་སངས་བར།
西藏自治区藏医院住院部门诊三楼北9号诊室
བརྟག་བཅོས་གནང་ཡུལ། ལྗོངས་སྨན་རྩིས་ཁང་ནད་སྡོད་པུའུ་བྱང་ངོས་སྒོ་བསྟེན་ཐོག་བརྩེགས་གསུམ་པའི་བརྟག་བཅོས་ཁང་༩པ།
风湿专病门诊
གྲུམ་ནད་ཆེད་བཅོས་སྒོ་བསྟེན།
旺久
旺久,副主任医师,毕业于西藏藏医学院,藏医世家、中国民族医药学会医养结合分会会员,西藏藏医药大学硕士研究生导师、自治区级保健专家。26年从事风湿免疫的临床及研究工作,擅长应用藏医特色对类风湿关节炎、干燥综合征、系统性红斑狼疮、痛风、脊柱关节炎等疑难杂症疾病诊治。曾承担了“哲松君迥治疗真布病的研究”等多项自治区级科研项目。
དབང་ཕྱུག འབུམ་གཞོན་སྨན་པ། བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། བོད་ལུགས་གསོ་རིག་གི་ཁྱིམ་བརྒྱུད་སྨན་པ། ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་སྨན་བཅོས་བདེ་སྲུང་ཟུང་འབྲེལ་ཡན་ལག་ཚོགས་པའི་ཚོགས་མི། བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན། ལྗོངས་རིམ་པའི་བདེ་སྲུང་མཁས་དབང་། ལོ་ངོ་༢༦རིང་གྲུམ་བུའི་ནད་རིགས་ཀྱི་ནད་ཐོག་ཕྱག་ལེན་དང་ཞིབ་འཇུག་གི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཁྱད་པར་ཚ་གྲུམ་དང་གྲང་གྲུམ། དྲེག་ནད། པགས་ནད། གཞན་ཡང་གསོ་བཅོས་དཀའ་བའི་ནད་འགོག་ནུས་ཁམས་འཁྲུགས་པའི་ནད་གཞིར་དམིགས་བསལ་གྱི་ཕན་ནུས་ལྡན། སྔ་ཕྱིར་འབྲས་གསུམ་རྒྱུན་སྦྱོངས་ཀྱིས་ཚ་གྲུམ་ནད་ལ་སྨན་བཅོས་བྱས་པའི་ནད་ཐོག་ཕན་ནུས་དབྱེ་ཞིབ་ལ་སོགས་པའི་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་ཁག་བཞི་ཙམ་གྱི་ཞིབ་འཇུག་འགན་འཁུར་བ་གནང་མྱོང་།
旺久(副主任医师) 次旦朗杰(副主任医师)
དབང་ཕྱུག འབུམ་གཞོན་སྨན་པ། ཚེ་བརྟན་རྣམ་རྒྱལ། འབུམ་གཞོན་སྨན་པ།
每周星期一至星期五
རེས་གཟའ་ཟླ་བ་ནས་པ་སངས་བར།
西藏自治区藏医院住院部门诊二楼南6号诊室
ལྗོངས་སྨན་རྩིས་ཁང་ནད་སྡོད་པུའུ་སྒོ་བསྟེན་ལྷོ་ངོས་ཐོག་བརྩེགས་གཉིས་པའི་བརྟག་བཅོས་ཁང་༦པ།
糖尿病专病门诊
གཅིན་སྙི་ཟ་ཁུའི་ཆེད་ནད་སྒོ་བསྟེན།
扎西罗布
扎西罗布,副主任医师,隆病科主任,硕士研究生,全国中医血液病学会会员。2002年毕业于西藏藏医学院藏医系,从事藏医临床工作20多年。对于藏医隆病、糖尿病诊治方面具有丰富的临床经验,曾承担了“藏医治疗慢性肾衰I,II期(CRF)I临床疗效评价及诊疗方案优化研究”等省级科研课题多项。2018年被选为全国第六批名老藏医药专家学术经验继承者和2019年被选入全国第四批藏医优秀人才,西藏藏医药大学硕士研究生导师。
བཀྲ་ཤིས་ནོར་བུ། འབུམ་གཞོན་སྨན་པ། རླུང་ནད་སྡེ་ཁག་ཀྲུའུ་རེན། འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས། རྒྱལ་ཡོངས་ཀྲུང་ལུགས་ཁྲག་ནད་སློབ་ཚོགས་ཀྱི་ཚོགས་མི། ༢༠༠༢ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་ནས་ཐོན། ལོ་ངོ་ཉི་ཤུ་ལྷག་གི་ནད་ཐོག་ལག་ལེན་ཁྲོད་རླུང་ནད་རིགས་དང་གཅིན་སྙི་ཟ་ཁུའི་ནད་ལ་གསོ་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། སྔ་ཕྱིར་བོད་ལུགས་གསོ་རིག་གིས་མཁལ་གཅོང་ནད་ཀྱི་སྨན་བཅོས་ཕན་འབྲས་དབྱེ་ཞིབ་ལ་སོགས་པའི་ཞིང་ཆེན་རིམ་པའི་ཚན་ཞིབ་རྣམ་གྲངས་མི་ཉུང་བ་ཞིག་གི་འགན་འཁུར་ཡོད། ཁོང་ནི་བོད་ལུགས་གསོ་རིག་མཁས་དབང་རྒན་རབས་ཀྱི་རིག་གཞུང་རྒྱུན་འཛིན་པ། སྐབས་བཞི་པའི་ཕུལ་བྱུང་བོད་ལུགས་གསོ་རིག་རྐང་འཛིན་སྨན་པ། སྐབས་དྲུག་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཁས་དབང་གི་རིག་གཞུང་རྒྱུན་འཛིན་པ། བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་བཅས་ཀྱི་ཐུགས་འགན་བཞེས་བཞིན་ཡོད།
扎西罗布(副主任医师)洛松登达(副主任医师)
བཀྲ་ཤིས་ནོར་བུ། འབུམ་གཞོན་སྨན་པ། བློ་བཟང་བསྟན་དར། འབུམ་གཞོན་སྨན་པ།
每周星期一、三、五
རེས་གཟའ་ཟླ་བ། ལྷག་པ། པ་སངས།
西藏自治区藏医院住院部门诊二楼北8号诊室
ལྗོངས་སྨན་རྩིས་ཁང་ནད་སྡོད་པུའུ་བྱང་ངོས་སྒོ་བསྟེན་ཐོག་བརྩེགས་གཉིས་པའི་བརྟག་བཅོས་ཁང་༨ པ།
心理精神专病门诊
སེམས་ཁམས་ཆེད་བཅོས་སྒོ་བསྟེན།
旦增朗杰
旦增朗杰,男,副主任医师,1999年毕业于藏医学院,二十年的藏医临床实践中对心理精神病、高血压、心脏神经官能症、心绞痛、心力衰竭、高原型红细胞增多症等方面具有丰富的藏西医结合治疗经验,临床疗效显著。曾多次承担了“心脏病藏药验方挖掘整理”等自治区级科研项目3项。
བསྟན་འཛིན་རྣམ་རྒྱལ། འབུམ་གཞོན་སྨན་པ། ༡༩༩༩ལོར་བོད་སྨན་སློབ་གྲྭ་ཆེན་མོ་ནས་ཐོན། ལོ་ངོ་ཉི་ཤུ་ལྷག་རིང་ཁྲག་རླུང་སྟོད་འཚངས་ནད་དང་། སྙིང་རླུང་ནད། སྙིང་གཟེར་ནད། སྙིང་རྒུད་ནད། ཁྲག་འཕེལ་ནད། སྨྱོ་བྱེད་ནད། བརྗེད་བྱེད་ནད། སེམས་ཁམས་ནད་སོགས་ལ་བོད་ཕྱི་ཟུང་འབྲེལ་གྱི་སྒོ་ནས་གསོ་བཅོས་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་ཤིང་། ཁྱད་པར་སེམས་ཁམས་ནད་ལ་བོད་ལུགས་གསོ་བ་རིག་པའི་ཐུན་མིན་སྨན་བཅོས་ཀྱི་ཁྱད་རྩལ་ལྡན་པས་ནད་ཐོག་ཕན་བསྐྱེད་ཆེ་བ་འབྱུང་། ནད་ཐོག་ཞིབ་འཇུག་ཐད་ལྗོངས་རིམ་པའི་ཚན་ཞིབ་རྣམ་གྲངས་བོད་ལུགས་གསོ་རིག་ལས་སྙིང་ནད་སྐོར་གྱི་སྨན་སྦྱོར་བསྡུ་སྒྲིག་དང་སྔོག་འདོན་ལ་སོགས་པའི་ཞིབ་འཇུག་ཇུས་གཞི་ལྔ་ཡི་འགན་འཁུར།
旦增朗杰(副主任医师)卓玛拉姆(主治医师)
བསྟན་འཛིན་རྣམ་རྒྱལ། འབུམ་གཞོན་སྨན་པ། སྒྲོ་མ་ལྷ་མོ། རབ་འབྱམས་སྨན་པ།
每周星期一至星期五
རེས་གཟའ་ཟླ་བ་ནས་པ་སངས་བར།
西藏自治区藏医院住院部门诊二楼南5号诊室
ལྗོངས་སྨན་རྩིས་ཁང་ནད་སྡོད་པུའུ་སྒོ་བསྟེན་ལྷོ་ངོས་ཐོག་བརྩེགས་གཉིས་པའི་བརྟག་བཅོས་ཁང་༥པ།